མིང་འགོད་བྱེད་དགོས་པའི་རྒྱུ་མཚན་ཡག་པོ་ 10

1ཁྱེད་ཀྱིས་བྷེལ་ཇེ་ཨམ་དང་བྷ་རཱ་སེལ་ནང་རང་ཉིད་ཀྱིས་གང་དུ་འགྲོ་དགོས་པའི་ལམ་ལས་སླ་བའི་ཐོག་ནས་རྙེད་ཐུབ། དེས་ཁྱེད་རང་ཞི་ལྷིང་ཡོང་རྒྱུར་ཕན་རོགས་བྱེད་ཀྱི་རེད།
 
2ཁྱེད་ཀྱིས་ཁྱེད་རང་གི་སྐད་ཡིག་ཤེས་མཁན་གྱི་མི་ཐུག་འཕྲད་འབྱུང་གི་རེད།
 
3ཁྱེད་ཀྱིས་ཧོ་ལན་ཌའི་སྐད་ཡིག་སྦྱོང་གི་རེད། དེ་ནི་གལ་སྲིད་ཁྱེད་རང་བྷེལ་ཇེ་ཨམ་ནང་གནས་སྡོད་དང་ལས་ཀ་བྱེད་འདོད་ཡོད་ན་ཁ་སྣོན་གྱི་ཡོན་ཏན་ཞིག་རེད།
 
4ང་ཚོས་སློབ་ཚན་ཁག་མཁོ་སྤྲོད་བྱེད་པ་དང་སྒེར་ལ་དམིགས་པའི་ལམ་སྟོན་ཁྱེད་ཀྱི་སྐད་ཡིག་ནང་དུ་མཁོ་སྤྲོད་དང་། - དེ་བཞིན་དྲ་ཐོག་ཏུ་ཡོད།
 
5ཁྱེད་ཀྱིས་ཡང་སློབ་ཚན་ཞིག་ལ་ཁྱེད་རང་ལ་ག་དུས་རན་པོ་ཡོད་ཀྱང་མཉམ་ཞུགས་བྱ་ཐུབ། དེ་ཡང་ཉིན་མོའི་སྐབས་སུ་ཡང་ན་དགོང་དྲོར། རུ་ང་ཞིབ་ཚགས་ཡང་ན་དུས་ཚོད་འགྱངས་ནས་མཉམ་ཞུགས་གནང་ཆོག
 
6ང་ཚོའི་དགེ་རྒན་དང་སློབ་སྟོན་པ་མང་པོ་ཞིག་གིས་ཁྱེད་ཀྱི་སྐད་ཡིག་ནང་སྐད་ཆ་བཤད་ཐུབ་པ་དང་བྷོན་གྱི་མཉམ་བསྡུས་ལས་འཆར་ནང་དུ་ཁོ་ཚོ་རང་ཉིད་ཀྱང་མཉམ་ཞུགས་གནང་མྱོང་ཡོད། ད་ལྟ་ཁོ་ཚོས་མི་གཞན་དག་ལ་མཉམ་བསྡུས་ཆེད་དུ་རོགས་རམ་གནང་གི་ཡོད།ཁོང་ཚོའི་བདེན་དཔང་འདིར་ཡོད་པ་ཀློག་རོགས།
 
7ང་ཚོའི་སར་ལས་སླ་པོའི་ཐོག་ནས་སྤྱི་དམངས་སྐྱེལ་འདྲེན་བརྒྱུད་ནས་འབྱོར་ཐུབ། ཁྱེད་ཀྱིས་ང་ཚོས་མོའི་ལེན་བྷིག་ (Molenbeek) དང་། ཅཱ་ཨེར་བྷིག་ (Schaerbeek) ཨན་ཌར་ལེག (Anderlecht) དེ་བཞིན་བྷ་རཱ་སེལ་གྱི་གྲོང་ཁྱེར་ནང་དུ་རྙེད་ཐུབ། དྲ་རྒྱའི་ཐོག་གི་སློབ་ཚན་ཁག་གི་ཆེད་དུ་ཁྱེད་ཀྱིས་ཐ་ན་འགྲུལ་བསྐྱོད་གནང་དགོས་ཀྱི་མེད།
 
8ཁྱེད་ཀྱིས་གྲུབ་འབྲས་སོན་ཐོག་ནས་ལས་འཆར་ལེགས་འགྲུབ་བྱུང་བ་ཡིན་ན་ཁྱེད་ལ་མཉམ་བསྡུས་ལག་འཁྱེར་ཞིག་ཐོབ་ཀྱི་རེད། དེ་ཁྱེད་རང་ལ་བྷེལ་ཇེ་ཨམ་གྱི་མི་སེར་ཐོབ་ཐང་ཆེད་དུ་རོགས་རམ་བྱེད་སྲིད་ཀྱི་རེད།
 
9ཁྱེད་ལ་ཁྱེད་ཀྱི་ཌིབ་ལོ་མ་ངོས་འཛིན་ངོས་འཛིན་གྱི་ཆེད་དུ་དང་དེ་བཞིན་དྲི་བ་འདྲ་མིན་ཁག་གི་ཆེད་དུ་རོགས་རོམ་ཐོབ་ཐུབ། དཔེར་ན་གཏན་སྡོད་གནས་བབས། ཁྱེད་ཀྱི་སྐྱབས་བཅོལ་འགྲོ་ལུགས། ཡང་ན་ཁྱེད་ཀྱི་བྷེལ་ཇེ་ཨམ་གྱི་མི་སེར་ཞིག་ཆགས་འདོད་ཡོད་པའི་སྐོར་ལྟ་བུ།
 
10མཉམ་བསྡུས་ལས་འཆར་ལ་རིན་པ་སྤྲོད་མི་དགོས། མཉམ་ཞུགས་གནང་བ་ཡིན་ན་རིན་པ་སྤྲོད་མི་དགོས་པའི་བྱེད་སྒོ་ངེས་ཅན་འགའ་ཞིག་ནང་དུ་ཁྱེད་འཛུལ་ཆོག་པའི་བཀའ་འཁྲོལ་ཞིག་ཐོབ་ཐུབ་པའི་ཐོབ་ཐང་ཡོད།